欢聚时光 - 阿东
༼ འཛོམས་གཞས།༽
欢聚时光
གཞས་ཚིག:བོང་སྟག་བདུད་འདུལ་སྐྱབས།
作词:阿登
གཞས་གདངས་རི་ལྦུན་སི་མན།
作曲:日翁思曼
གཞས་པ:ཨ་ཏུང་།
演唱者:阿东
དེ་རིང་ང་ཚོ་ལྷན་དུ་འཛོམས་དུས།
དགའ་བའི་གཞས་ཤིག་མཉམ་དུ་བཏང་ཡོད།
གཞས་དེ་དང་པོ་དྲིན་ཆེན་ཕ་མར་འབུལ།
དྲིན་ཆེན་ཕ་མ་ཉི་མ་ཟླ་བ་ཡིན།
དགུང་ལ་ཉི་ཟླའི་འོད་སྣང་འགྱུར་བ་མེད་པའི་བཀྲ་ཤིས།
འོད་སྣང་བ་འགྲོ་དྲུག་ཀུན་ལ་ཁྱབ་ཡོད།
དྲིན་ཆེན་ཕ་མ། དྲིན་ཆེན་ཕ་མ།
ཁྱེད་སྐུ་ལུས་རི་རྒྱལ་ལྷུན་པོ་བཞིན་དུ་བརྟན་པར་ཤོག
དྲིན་ཆེན་ཕ་མ། བརྩེ་བའི་བདག་པོ།
ནམ་མཁའི་ཁྱོན་ལ་གཞལ་ཡང་བཀའ་དྲིན་ནམ་ཡང་མི་ཤོང་བ།
དྲིན་ཆེན་ཕ་མ། དྲིན་ཆེན་ཕ་མ།
ཁྱེད་སྐུ་ལུས་རི་རྒྱལ་ལྷུན་པོ་བཞིན་དུ་བརྟན་པར་ཤོག
དྲིན་ཆེན་ཕ་མ། དྲིན་ཆེན་ཕ་མ།
ཧོ་་་ ཁོང་སྐུ་དྲིན་ནམ་ཡང་གཞལ་ཐབས་མེད་དོ།
དེ་རིང་ང་ཚོ་ལྷན་དུ་འཛོམས་དུས།
དགའ་བའི་གཞས་ཤིག་མཉམ་དུ་བཏང་ཡོད།
གཞས་དེ་གཉིས་པ་སྤུན་དང་ན་ཟླ་འབུལ།
ཡིད་མཐུན་གྲོགས་པོ་རྫ་རིའི་ཆུ་མིག་འདྲ།
ཆུ་ལ་གཙང་བོའི་བཞུར་རྒྱུན་ནག་ནོག་མེད་པའི་བཀྲ་ཤིས།
ཆབ་ཆུ་བོའི་དངོས་གྲུབ་ཀུན་ལ་བསྩལ་ཡོད།
ཡིད་མཐུན་གྲོགས་པོ། ཡིད་མཐུན་གྲོགས་པོ།
འདང་བརྩེ་བ་རྡོ་རྗེ་བྲག་རི་བཞིན་དུ་གནས་པར་ཤོག
ཡིད་མཐུན་གྲོགས་པོ། ང་ཡི་སྤུན་ཟླ།
རྒྱ་མཚོའི་གཏིང་ལ་དཔོག་ཀྱང་བརྩེ་བ་ནམ་ཡང་མི་ཤོང་བ།
ཡིད་མཐུན་གྲོགས་པོ། ཡིད་མཐུན་གྲོགས་པོ།
འདང་བརྩེ་བ་རྡོ་རྗེ་བྲག་རི་བཞིན་དུ་གནས་པར་ཤོག
ཡིད་མཐུན་གྲོགས་པོ། ཡིད་མཐུན་གྲོགས་པོ།
ཧོ་་་ ཁྱེད་བརྩེ་བ་ནམ་ཡང་བརྗེད་པ་མི་སྲིད།
歌曲欢聚时光评论
阿东热门歌曲