朝圣的人 - 吉让
《朝圣的人》
ཚིག:ཕུན་སིན།
词:彭森
དབྱངས:ཚེ་ཁྲུའུ་སན།

曲:蔡楚三
ལོ་ཙཱ:འབྲུག་ལྷ་རྒྱལ།
翻译:周拉加
ལེན་མཁན:ཚེ་རིང་།
演唱:吉让
རོགས་ལེན:། ཁོན་ཐར་སྒྲོལ་མ།
和声:宽太卓玛
གཞས་མ་གཏམ:ཀུན་བཟང་ཆོས་འཕེལ།
说唱:各绒曲批

ནས་མཇལ་བ།

ཚིག ཕུན་སིན།

དབྱངས། ཚེ་ཁྲུའུ་སན།

ལོ་ཙཱ། འབྲུག་ལྷ་རྒྱལ།

ལེན་མཁན། ཚེ་རིང་།

གོམ་པ་གཅིག་རེ་གཅིག་རེས། རྐྱང་ཕྱག་གཅིག་རེ་གཅིག་རེས།

གངས་རི་བརྒྱུད་ཡོད།

གོམ་པ་གཅིག་རེ་གཅིག་རེས། རྐྱང་ཕྱག་གཅིག་རེ་གཅིག་རེས།

ཐང་ཆེན་བརྒལ་ཡོད།

ལྷམ་གྱི་རྡོག་པ་ཅི་འདྲ་ཟད་སོང་།

ལུས་ཀྱི་སྐྱི་པགས་ག་འདྲ་བསྣད་སོང་།

ཨོཾ་མ་ཎི་པདྨེ་ཧཱུྃ།

འགྱུར་མེད་དད་པ་ཡིད་སེམས་ལ་བཅངས་ནས།

གནས་མཇལ་ལམ་གྱི་ཁུགས་སོ་ལ་ཕྱོགས་ཡོད།

ཨོཾ་མ་ཎི་པདྨེ་ཧཱུྃ།

རྡུལ་དྲེག་ཆགས་པའི་རྣམ་ཤེས་ལ་བྱི་དོར་ཐེངས་ཤིག་བྱེད་འདོད་ཡིན།

ས་གཞིར་ཁྱབ་པའི་འོད་སྣང་ལ་སྨོན་ལམ་ཐེངས་ཤིག་འདེབས་འདོད་ཡིན།

ལོ་ངོ་སྟོང་གི་ཤི་གསོན་ཆགས་འཇིགས།

དེ་ནི་གནས་མཇལ་གྱི་ལམ་རིང་དེ་ཡིན།

ཨོཾ་མ་ཎི་པདྨེ་ཧཱུྃ།

རྣམ་དག་གི་སེམས་མ་ནི་འཁོར་ལོར་འགྲོགས་ཡོད།

ལྷག་བསམ་དག་མོས་ཉི་ཟླ་རེས་སུ་བཏེགས་ཡོད།

ཨོཾ་མ་ཎི་པདྨེ་ཧཱུྃ།

ལོ་ངོ་སུམ་སྟོང་གི་ཁ་ཆར་བུ་ཡུག་འཇིག་རྟེན་ཡང་རྩེ་ལ་འགོས་ཡོད།

གནམ་གྱི་སྤྲིན་པ་གཡང་དཀར་ལུག་ཁྱུ་བརྡལ་བ་འདྲ།

གངས་རི་ཐང་ཆེན་བརྒྱུད་ནས་ཡར་ལུང་གཙང་པོ་བརྒལ་ནས།

ཁ་སང་དང་དེ་རིང་སང་ཉིན་གྱི་མཚར་སྡུག་ལ་ཆས་འགྲོ།

歌曲朝圣的人评论
吉让热门歌曲