追梦 - 洛桑念扎
ཕུགས་འདུན།
ཚིག བསོད་ནམས་རྒྱལ་མཚན།
གདངས། ནོར་བུ།
ལེན་མཁན། བློ་བཟང་སྙན་གྲགས།

ལས་ཀ་ཡོད་པའི་ཡུལ་ན་ཁྱིམ་མེད་ལ།
ཁྱིམ་ཡོད་པའི་ཡུལ་ན་ལས་གནས་མེད།
ཕ་མའི་རེ་བ་ཡིད་ཆེས་རྒྱབ་ཏུ་འཁུར།
རང་གི་ཕུགས་བསམ་འཚོལ་བའི་ཕྱོགས་སུ་ཐོན།
མིག་ནས་མཆི་མ་ཡང་ཡང་ཤོར་ཡང་།
འཛུམ་ཞིག་སྟོན་ནས་མདུན་དུ་སྐྱོད།
མི་ཡུལ་ས་མཐའ་རིང་པོར།
བདེ་སྐྱིད་འཚོ་བའི་ལམ་སྣེ་བརྩལ།
དཀའ་སྡུག་ག་ཚོད་འཕྲད་ཀྱང་།
ཕུགས་བསམ་ཆེད་དུ་འབད་བརྩོན་བྱས།
ཡུལ་གྱར་བ། ལོ་ཟླ་མང་པོ།
ཕུགས་བསམ་འཚོལ་བའི་ཆེད།
གཞན་ཡུལ་ལ་སླེབས།
ཡུལ་གྱར་བ། ལོ་ཟླ་མང་པོ།
མ་འོངས་འཚོ་བའི་ཆེད།
དཀའ་སྡུག་མྱངས།

ཕ་མ་སྤུན་མཆེད་མེད་པའི་ཡུལ་གཞན་ལ།
དཀའ་སྡུག་ག་ཚོད་འཕྲད་ཀྱང་སྡུག་རུས་བྱས།
ནམ་ཞིག་ཕུགས་བསམ་ལེགས་འགྲུབ་ཡོང་བའི་ཚེ།
ཕ་ཡུལ་ཕྱོགས་ལ་གཏམ་བཟང་འཁྱེར་ནས་ཡོང་།
ཕ་མ་སྐུ་ཚེ་རིང་པོ་ཡོང་བར་ཤོག་
བྱམས་པའི་བློ་རྩེ་བརྟན་པར་ཤོག
མི་ཡུལ་ས་མཐའ་རིང་པོར།
ལུས་ལ་ན་ཚ་མེད་པར་ཤོག
ལེ་དབར་ཆོད་པའི་རང་ཡུལ།
བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ།
ཡུལ་གྱར་བ། ལོ་ཟླ་མང་པོ།
རྨི་ལམ་འཚོལ་བའི་ཆེད།
མི་ཡུལ་ལ་སླེབས།
ཡུལ་གྱར་བ། ལོ་ཟླ་མང་པོ།
བདེ་སྐྱིད་འཚོ་བའི་ཆེད།
ནུས་ཤུགས་བཏོན།
歌词大意
追梦
作词:索朗见参
作曲:罗布
原唱:洛桑念扎
1
在工作的地方没有我的家
有家的地方没有我的职位
肩负父母的期待与信任
踏上这条追梦的道路
忍住所有不舍的泪水
笑着踏上追梦路
在遥远的他乡
为了梦想与未来的生活
咬牙面对所有的困难
离开家乡很多年
为了追梦与家人的幸福
忍受磨难
多年的追梦路
踏上他乡
多年的追梦路
一直都在努力
2
在他乡没有家人陪伴的日子里
所有的困难与难受都成了静音
梦想成真的那一天
我会带着好消息返回家乡
彼此离开的日子里
愿父母身体安康
愿情人不食誓言
愿自己身体健康
愿家乡幸福如初
多年的追梦路
踏上他乡
多年的追梦路
一直都在努力
歌曲追梦评论
洛桑念扎热门歌曲