赞美三江·六县之歌(朋措达杰 东周扎西 智王桑珠 杰桑洛周) - 杰桑洛周
赞美三江·六县之歌
作曲 : 智王桑珠
作词 : 罗松昂周
གཙང་གསུམ་བསྟོད་གླུ།
ཚིག བློ་བཟང་དངོས་འགྲུབ།
དབྱངས། གྲུ་བ་བསམ་འགྲུབ།
གཞས་པ། རྗེ་བཟང•ཕུན་ཚོགས།&དོན་འགྲུབ་བཀྲ་ཤིས།&དུང་རྩི།&གྲུ་བ་བསམ་འགྲུབ།&རྗེ་བཟང•བློ་གྲོས།
མཚོ་བོད་མཐོ་སྒང་གི་འགྲམ་རྒྱུད།
རྨ་འབྲི་ཟླ་གསུམ་གྱི་མགོ་ཁུངས།
སྒ་སྟོད་ཇོ་བོ་ཡི་བརྗིད་ཉམས་།
རྣམ་པ་སྣང་མཛད་ཀྱི་མཛེས་རིས།
གནས་མཆོག་ངོ་མཚར་ཅན།
སྤང་ལྗོངས་མཛེས་སྡུག་ཅན།
མཐོ་སྒང་ཁྱད་ཆོས་ཅན།
སྒ་ཡུལ་ཕུན་ཚོགས་བྱམས་པ་གླིང།
གེ་སར་རྒྱལ་པོ།
སྲོང་བཙན་སྒོམ་པོ།
སྒ་ཡུལ་སྐྱེ་དགུ་མདོ་ཐང་།
ཁྲི་འདུ་རྒྱ་གར་ལུང་པ།
ནང་ཆེན་ནོར་བུ་གླིང་ག།
ང་ཚོའི་ཕ་ཡུལ།
རྨི་ལམ་དང་འདྲ་བའི་མཛེས་ལྗོངས་འདི་ནས།
སྐུ་མགྲོན་ལྷན་རྒྱས་ཕེབས་བསུ་ཞུ།
རྟ་ནོར་ལུག་གསུམ་གྱི་ཕ་ས།
མེ་ཏོག་སྣ་ཚོགས་ཀྱི་ཞིང་ཁམས།
རི་ཆུ་སྤང་གསུམ་གྱི་འཇའ་ཚོན།
གླུ་བྲོ་གཞས་གསུམ་གྱི་འཇིག་རྟེན།
གངས་རི་འདབ་མ་ཅན།
ཆུ་བོ་ཡན་ལག་ཅན།
རྩྭ་ཐང་མེ་ཏོག་ཅན།
སྒ་ཡུལ་མདོ་སྟོད་བདེ་སྐྱིད་གླིང།
ཨ་ཅེ་འབྲུག་མོ།
རྒྱ་བཟའ་ཀོང་ཇོ།
ཆུ་དམར་རྟ་མཆོག་རྩེད་ར།
རྫ་སྟོད་གཡང་ནོར་ཕ་ས།
འབྲི་སྟོད་སྐྱ་ལོ་སྡེ་བ།
ང་ཚོའི་ཕ་ཡུལ།
ཞིང་ཁམས་དང་འདྲ་བའི་གནས་མཆོག་འདི་ནས།
སྐུ་མགྲོན་ལྷན་རྒྱས་ཕེབས་བསུ་ཞུ།
ཆུ་དམར་རྟ་མཆོག་རྩེད་ར།
རྫ་སྟོད་གཡང་ནོར་ཕ་ས།
འབྲི་སྟོད་སྐྱ་ལོ་སྡེ་བ།
ང་ཚོའི་ཕ་ཡུལ།
ཞིང་ཁམས་དང་འདྲ་བའི་གནས་མཆོག་འདི་ནས།
སྐུ་མགྲོན་ལྷན་རྒྱས་ཕེབས་བསུ་ཞུ།
སྐུ་མགྲོན་ལྷན་རྒྱས་ཕེབས་བསུ་ཞུ།
ང་ཚོའི་ཕ་ས།
གནས་མཆོག་ཡུལ་ཤུལ།
གླུ་ཚིག་སྒྲིག་མཁན།རེ་འབོད།(ཁྲི་འདུ)
歌曲赞美三江·六县之歌(朋措达杰 东周扎西 智王桑珠 杰桑洛周)评论
杰桑洛周热门歌曲