新冠防疫之歌 - 藏族众歌手
༄༅།།ཏོག་དབྱིབས་རིམས་འགོག་དབྱངས་ཀྱི་གསལ་འདེབས།
新冠防疫之歌
ཚིག ཨོ་རྒྱན་ཚེ་དར།
གདངས། སྟག་ཕུའི་ཨར་གཞས།
གླུ་ལེན་མཁན། ཨོ་རྒྱན་ཚེ་དར།
རོལ་མོ་བཟོ་སྒྲིག ཨ་ཁུ་དུང་བརྩེ་
༄༅།།ཏོག་དབྱིབས་རིམས་འགོག་དབྱངས་ཀྱི་གསལ་འདེབས།

ཏོག་དབྱིབས་ནད་དུག་གསར་པ་གང་སར་ཁྱབ་བཞིན་པའི་དམིགས་བསལ་དུས་སྐབས་འདིར། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས། རྒྱལ་ཡོངས་མི་དམངས་དང་མཉམ་དུ་རིམས་ནད་འགོག་བཅོས་ཀྱི་དམག་འཐབ་ནང་ཞུགས་ཏེ། ནད་རིམས་ལས་རྣམ་པར་རྒྱལ་ཆེད་རང་རང་གི་ནུས་པ་གང་ཡོད་འདོན་རྒྱུ་ནི་ང་ཚོ་ཚང་མའི་ཐུན་མོང་གི་དམིགས་ཡུལ་ཡིན་ལ་འོས་འགན་ཡང་ཡིན་པས། ངས་ཀྱང་དམིགས་ཡུལ་དེའི་ཆེད་དུ་ཚང་མས་དོ་སྣང་དང་ཡིད་གཟབ་བྱ་ལུགས་ཁག་དབྱངས་ཀྱི་རྟ་ལ་བསྐྱོན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་འབུལ་རྒྱུ་ཡིན།

ནད་དུག་འགོས་ཡོང་བསམ་ན་་་་་་ནང་ལ་སྡོད། །
ནང་མི་སྤུན་མཆེད་བསམ་ན་་་་་་ནང་ལ་སྡོད། །
ཕ་མ་བུ་ཕྲུག་བསམ་ན་་་་་་་་ནང་ལ་སྡོད། །
ཁྱིམ་ཚང་བདེ་སྐྱིད་བསམ་ན་་་་་ནང་ལ་སྡོད། །

དགོས་པ་གལ་ཆེན་མེད་ན་་་་་་་ཕྱིར་མ་དོན། །
མ་སོང་ཐབས་མེད་བྱུང་ན་་་་་་་་་ཁ་རས་རྒྱོབ།
མི་ཚོགས་མང་སར་མ་འགྲོ་་་་་གཟུར་ཙམ་གྱིས། །
ལག་པ་གང་སར་ཐུག་ན་་་་་ནད་དུག་ཡོང་། །

ལག་པ་ཡང་ཡང་འཁྲུད་དང་་་་་དུག་སེལ་ཐུབ། །
གཙང་སྦྲ་འཕྲོད་བསྟེན་གྱིས་དང་་་ཀུན་ལ་ཕན། །
མཁའ་རླུང་གཙང་མ་བྱས་ན་་་ལུས་ཁམས་བདེ། །
ལྷོད་ལྷོད་ནང་ལ་བཞུགས་དང་་་་་རང་གཞན་བདེ།།

འཚོ་བྱེད་སྨན་པ་ཕེབས་ན་་་་གདན་འདྲེན་ཞུས། །
ན་ལུགས་ཚ་ལུགས་དྲིས་ན་་་་དྲང་གཏམ་ཤོད། །
རིམས་ནད་ཕོག་དོགས་ཡོད་ན་་་་མ་གསང་ལོབ། །
སྤྱི་ཚོགས་ལེགས་སྐྱེས་ཟེར་ན་་་་་་དེ་རང་རེད། །

རྒན་བཀུར་གཞོན་གཅེས་ཟེར་ན་་་དེ་རང་རེད། །
དབུལ་སྒྲོལ་འགག་སྒྲོལ་ཟེར་ན་་་དེ་རང་རེད། །
རྒྱལ་གཅེས་དམངས་ཕན་ཟེར་ན་་་དེ་རང་རེད། །
དེ་དག་སྙིང་གཏམ་ཡིན་པས་་་་ཡིད་ལ་བཟུང་། །

新冠防疫之歌

若想防疫 不出门
若顾家人 不出门
若为儿女 不出门
若求家福 不出门

没事轻易 不出门
非出不可 戴口罩
密集场所 不要挤
别把双手 乱碰处

勤于洗手 防病毒
搞好卫生 益于众
通风换气 益于身
安心宅家 皆有利

医者到访 速请来
问起病因 告实情
为了防疫 不隐瞒
社会贡献 亦如此

尊老爱幼 亦如此
脱贫攻坚 亦如此
爱国惠民 亦如此
忠言心语 请切记
歌曲新冠防疫之歌评论
藏族众歌手热门歌曲