青色帐篷 - 亚东
ཁྱུང་ཆེན་ནམ་མཁའ་ལྡིང་འདྲ།
ང་ཡི་སྦྲ་གུར་སྨུག་པོ་ཡོད།
གདོང་དམར་བོད་ཀྱི་ཕ་ས།
གནའ་བོའི་ལོ་རྒྱུས་འཁྲུངས་ས་རེད།
ཡ་་་ སྦྲ་གུར་ ཡ་སྦྲ་གུར།
ང་ཡི་སྦྲ་གུར་སྨུག་པོ་ཡོད།
མི་ལུས་དལ་འབྱོར་སྙེད་ས།
སྐྱེ་བ་བོད་ལ་ལེན་སོང་།
འདི་འདྲ་བསོད་ནམས་ཆེ་བ།
མི་ཚེ་འདི་ཡི་སྐྱིད་རེད།
གངས་ལ་རི་རབ་འགྱིང་འདྲ།
ང་ཡི་སྦྲ་གུར་སྨུག་པོ་ཡོད།
ཕ་སྐད་གཙང་མ་དར་ས།
གནའ་བོའི་གཏམ་རྒྱུད་འཁྲུངས་ས་རེད།
ཡ་་་ སྦྲ་གུར་ ཡ་སྦྲ་གུར།
ང་ཡི་སྦྲ་གུར་སྨུག་པོ་ཡོད།
ལྟེ་ཁྲག་ས་རུ་འཕོ་ས།
ཤ་རྩ་སྨུག་པོ་རྒྱས་ས།
འདི་འདྲ་དབང་ཐང་ཆེ་བ།
མི་ཚེ་འདི་ཡི་སྐྱིད་རེད།
ཇ་ཆེན་གྲུ་བཞི་བརྩིགས་འདྲ།
ང་ཡི་སྦྲ་གུར་སྨུག་པོ་ཡོད།
གངས་ཅན་རིག་པའི་འབྱུང་གནས།
སྐྱེས་ཆེན་དམ་པ་འཁྲུངས་ས་རེད།
ཡ་་་ སྦྲ་གུར་ ཡ་སྦྲ་གུར།
ང་ཡི་སྦྲ་གུར་སྨུག་པོ་ཡོད།
དཔལ་འབྱོར་མངའ་ཐང་རྒྱས་ས།
བདེ་སྐྱིད་མེ་ཏོག་བཀྲ་ས།
འདི་འདྲ་ལོངས་སྤྱོད་ཆེ་བ།
མི་ཚེ་འདི་ཡི་སྐྱིད་རེད། 
歌曲青色帐篷评论
亚东热门歌曲